工作动态

你的位置: 首页-新闻中心-工作动态

山南市江北庭公租房专项分配公告

时间:2026-08-17 10:08:29 来源:山南市住房和城乡建设局

为切实保障群众安居需求,盘活江北庭公租房存量房源,根据《江北庭公租房盘活提升入住率专项分配实施方案》要求,现将本次专项配租相关事项公告如下:

一、配租房源情况

本次专项配租房源为江北庭公租房全部空置房源,共计305套:其中50㎡一室一厅户型154套,70㎡二室一厅户型151套。所有房源均完成标准化基础装修,配套独立厨房、卫生间及厨卫洁具,住户添置简易家具即可入住。

二、租金物业费优惠政策

本次专项配租执行统一优惠收费标准:租金调整为4.5元/㎡·月(原标准6元/㎡·月),物业费调整为1.3元/㎡·月(原标准1.7元/㎡·月)。已入住家庭无需提交申请、无需重新签订合同,次月起自动按新标准计费。

针对特殊困难群体实行差异化减免政策(按就高不重复原则执行,需提供有效认定证件):

(一)低保、特困、孤儿:租金仅0.5元/㎡·月,物业费全免;

(二)低保边缘、刚性支出困难、一二级重度残疾:租金2.0元/㎡·月,物业费0.4元/㎡·月;

(三)优抚对象、军烈属、见义勇为、三四级残疾:租金2.25元/㎡·月,物业费0.65元/㎡·月。

三、保障对象及准入标准

(一)重点配租对象

1.江北经开区企业稳定就业员工(签订1年以上劳动合同、正常缴纳社保,无自有住房);

2.本市新就业无房职工(连续在岗、缴纳社保6个月以上);

3.鲁琼片区外来务工、灵活就业人员(在本市连续居住6个月以上);

4.新就业大学生、青年医护人员、基层公共服务人员等新市民;

5.本市户籍中低收入、无自有住房、未享受其他住房保障的困难家庭。

(二)需同时满足的基本条件

1.申请人年满18周岁,具有完全民事行为能力;

2.家庭在乃东区主城区无自有住房、无宅基地,或家庭人均住房建筑面积不超过15平方米;

3.家庭收入、财产符合山南市公租房准入标准;

4.骗取保障、违规转租、房源空置等失信违规记录。

(三)不能申请的情形

有下列情形之一的,不予受理配租申请:一是已享受其他保障性住房或住房租赁补贴政策的;二是刻意提供虚假材料、隐瞒家庭住房、收入、财产信息的;三是被列入住房保障失信黑名单且处于惩戒期内的;四是无正当理由累计放弃公租房配租资格2次及以上的。

四、申请办理流程

(一)申请受理

申请可通过以下两种方式提交:①线上通过公租房APP填报资料申报;②线下携带相关证件到政务大厅B13、B14窗口办理。企业可统一归集员工材料集中申报。

(二)审核分配

申请提交后1个工作日内完成受理,2个工作日内完成资格核验,随后公示5个工作日,全程7个工作日内办结。公示无异议后按规定组织选房、签约入住。

、咨询及监督方式

政策咨询电话:0893-7702101

监督举报电话:0893-7823482

本公告自发布之日起实施,欢迎符合条件的群众积极申报。

特此公告。

山南市住房和城乡建设局

2026年8月17


ལྷོ་ཁ་གྲོང་ཁྱེར་ཆུ་བྱང་གླིང་བོགས་གཏོང་གཞུང་ཁང་

ཆེད་སྤྱོད་བགོ་བཤའ་རྒྱག་པའི་སྤྱི་བསྒྲགས།

མང་ཚོགས་བདེ་སྡོད་ཐུབ་པའི་དགོས་མཁོ་འགན་ལེན་དང་ཆུ་བྱང་གླིང་བོགས་གཏོང་གཞུང་ཁང་གི་ཁང་པ་བེད་སྤྱོད་ཡག་པོ་བྱ་ཆེད།ཆུ་བྱང་གླིང་བོགས་གཏོང་གཞུང་ཁང་དུ་གནས་སྡོད་བྱེད་ཚད་མཐོར་གཏོང་གི་ཆེད་སྤྱོད་བགོ་བཤའ་རྒྱག་པའི་ལག་བསྟར་ཇུས་གཞིའིབླང་བྱ་གཞིར་བཟུང་།ད་ལྟ་ཐེངས་འདིའི་ཆེད་སྤྱོད་བགོ་སྒྲིག་བོགས་གཏོང་གི་འབྲེལ་ཡོད་དོན་ཚན་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།

གཅིགབགོ་སྒྲིག་བོགས་གཏོང་གི་ཁང་ཁུངས་གནས་ཚུལ།

ཐེངས་འདིའི་ཆེད་སྤྱོད་བགོ་སྒྲིག་བོགས་གཏོང་ཁང་ཁུངས་ནི་ཆུ་བྱང་གླིང་བོགས་གཏོང་གཞུང་ཁང་གི་ཁང་པ་སྟོང་པ་ཡོད་ཚད་ཡིན་ཞིང་།ཁྱོན་ཁང་པ་305ཡོད།དེའི་ནང་སྨི་གྲུ་བཞི་50ཡོད་པའི་ཉལ་ཁང་གཅིག་དང་ཚོམས་ཆེན་གཅིག་བྱས་པའི་ཁང་པ་154དང་།སྨི་གྲུ་བཞི་70ཡོད་པའི་ཉལ་ཁང་གཉིས་དང་ཚོམས་ཆེན་གཅིག་བྱས་པའི་ཁང་པ་151ཡོད།ཁང་ཁུངས་ཚང་མར་ཚད་ལྡན་ཅན་གྱི་རྨང་གཞིའི་མཛེས་བཟོ་བྱས་ཟིན་པ་དང་།ཐབ་ཚང་དང་གསང་སྤྱོད།དེ་བཞིན་གཙང་སྦྲའི་ཡོ་བྱད་ཆ་ཚང་སྒྲིག་སྦྱོར་བྱས་ཡོད་པས་སྡོད་ཁྱིམ་དུ་སྟབས་བདེའི་ཁྱིམ་ཆས་སྒྲིག་སྦྱོར་བྱས་ན་ལམ་སེང་བསྡད་ཆོག

གཉིས།བོགས་དངུལ་དང་སྡེ་ལས་གྲོན་དངུལ་གྱི་གཟིགས་སྐྱོང་སྲིད་ཇུས།

ཐེངས་འདིའི་ཆེད་སྤྱོད་བགོ་སྒྲིག་བོགས་གཏོང་ཐད་གཅིག་གྱུར་གྱི་གཟིགས་སྐྱོང་གྲོན་བསྡུའི་ཚད་གཞི་ལག་བསྟར་བྱ་རྒྱུ་སྟེ།བོགས་དངུལ་ཟླ་རེར་སྨི་གྲུ་བཞི་རེར་སྒོར་4.5(དེ་སྔའི་ཚད་གཞི་ཟླ་རེར་སྨི་གྲུ་བཞི་རེར་སྒོར་6)ལེགས་སྒྲིག་བྱ་རྒྱུ་དང་།སྡེ་ལས་གྲོན་དངུལ་ཟླ་རེར་སྨི་གྲུ་བཞི་རེར་སྒོར་1.3(དེ་སྔའི་ཚད་གཞི་ཟླ་རེར་སྨི་གྲུ་བཞི་རེར་སྒོར་1.7)ལེགས་སྒྲིག་བྱ་རྒྱུ།སྡོད་ཁང་ནང་སྤོས་ཟིན་པའི་ཁྱིམ་དུད་ཀྱིས་རེ་ཞུ་འབུལ་མི་དགོས་ལ་གན་རྒྱ་བསྐྱར་དུ་བཞག་མི་དགོས་པར་ཟླ་བ་རྗེས་མ་ནས་བཟུང་རང་འགུལ་ངང་ཚད་གཞི་གསར་པ་གཞིར་བཟུང་གྲོན་དངུལ་རྩིས་རྒྱག་བྱ་རྒྱུ།

དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིར་དམིགས་ནས་ཁྱད་པར་ཅན་གྱི་ཆག་ཡང་སྲིད་ཇུས་ལག་བསྟར་བྱ་རྒྱུ་སྟེ།(ཚད་གཞི་མཐོ་ཤོས་ལས་བསྐྱར་ཟློས་བེད་སྤྱོད་མི་བྱེད་པའི་རྩ་དོན་ལག་བསྟར་བྱ་རྒྱུ་དང་ནུས་ལྡན་གོ་ཆོད་ཀྱི་ལག་ཁྱེར་མཁོ་འདོན་བྱ་རྒྱུ)

(གཅིག)མ་མཐའི་འགན་སྲུང་དང་དམིགས་བསལ་དཀའ་ངལ་ཡོད་པ།དྭ་ཕྲུག་བཅས་ལ་བོགས་དངུལ་ཟླ་རེར་སྨི་གྲུ་བཞི་རེར་སྒོར་0.5དང་།སྡེ་ལས་གྲོན་དངུལ་ཚང་མ་རྩ་ཆག་གཏོང་རྒྱུ།

(གཉིས)མ་མཐའི་འགན་སྲུང་མཐར་ལུས་དང་དགོས་ངེས་ཀྱི་འགྲོ་གྲོན་གཏོང་རྒྱུར་དཀའ་ངལ་ཡོད་པ།རིམ་པ་དང་པོ་དང་གཉིས་པའི་ཚབས་ལྕེའི་དབང་སྐྱོན་བཅས་ལ་བོགས་དངུལ་ཟླ་རེར་སྨི་གྲུ་བཞི་རེར་སྒོར་2.0དང་།སྡེ་ལས་གྲོན་དངུལ་ཟླ་རེར་སྨི་གྲུ་བཞི་རེར་སྒོར་0.4ཡིན།

(གསུམ)གཟིགས་སྐྱོང་བྱ་ཡུལ་དང་སྔོན་གཤེགས་དཔའ་བོའི་ནང་མི།བདེན་པའི་རྒྱབ་ལངས།རིམ་པ་གསུམ་པ་དང་བཞི་པའི་དབང་སྐྱོན་བཅས་ལ་བོགས་དངུལ་ཟླ་རེར་སྨི་གྲུ་བཞི་རེར་སྒོར་2.25དང་།སྡེ་ལས་གྲོན་དངུལ་ཟླ་རེར་སྨི་གྲུ་བཞི་རེར་སྒོར་0.65ཡིན།

གསུམ།འགན་སྲུང་བྱ་ཡུལ་དང་ཞུགས་འཐུས་ཚད་གཞི།

(གཅིག) བགོ་སྒྲིག་བོགས་གཏོང་བྱ་ཡུལ་གཙོ་བོ།

1.ཆུ་བྱང་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཁེ་ལས་སུ་ལས་ཞུགས་བརྟན་པོ་ཡོད་པའི་ལས་བཟོ་པ་(ལོ་1ཡན་གྱི་ངལ་རྩོལ་གན་རྒྱ་བཞག་པ་དང་སྤྱི་ཚོགས་འགན་བཅོལ་རྒྱུན་གཏན་འཇལ་སྤྲོད་བྱེད་པ།རང་བདག་སྡོད་ཁང་མེད་མཁན)

2.རང་གྲོང་ཁྱེར་དུ་གསར་དུ་ལས་ཞུགས་བྱས་པའི་ཁང་པ་མེད་པའི་ལས་བཟོ་པ་(རྒྱུན་མཐུད་ལས་ཞུགས་དང་སྤྱི་ཚོགས་འགན་བཅོལ་ཟླ་6ཡན་འཇལ་སྤྲོད་བྱེད་མཁན)

3.ལོ་ཆུང་ཁུལ་གྱི་ཕྱི་ནས་ཡོང་བའི་ལས་མི་དང་སྟབས་བསྟུན་ལས་ཞུགས་མི་སྣ་(རང་གྲོང་ཁྱེར་དུ་བསྟུད་མར་ཟླ་6ཡན་སྡོད་མཁན)  

4.གསར་དུ་ལས་ཞུགས་བྱས་པའི་སློབ་ཐོན་སློབ་ཆེན་སློབ་མ་དང་ན་གཞོན་སྨན་དོན་མི་སྣ།གཞི་རིམ་གྱི་སྤྱི་པའི་ཞབས་ཞུའི་མི་སྣ་སོགས་གྲོང་མི་གསར་པ།

5.རང་གྲོང་ཁྱེར་གྱི་ཐེམ་ཁོངས་ནང་ཡོང་འབབ་དམའ་བ་དང་རང་བདག་སྡོད་ཁང་མེད་པ།སྡོད་ཁང་འགན་སྲུང་གཞན་དག་ལོངས་སྤྱོད་མི་ཐུབ་པའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་།

(གཉིས)ཆབས་གཅིག་ཏུ་ཚང་དགོས་པའི་གཞི་རྩའི་ཆ་རྐྱེན།

1.རེ་འདུན་ཞུ་མཁན་ལོ་བཅོ་བརྒྱད་སོན་པ་དང་དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཡོད་པ།

2.སྣེ་གདོང་ཆུས་ཀྱི་གྲོང་ཁུལ་གཙོ་བོར་རང་བདག་སྡོད་ཁང་མེད་པ་དང་།ཁང་ས་མེད་པའམ་ཡང་ན་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་སྡོད་ཁང་རྒྱ་ཁྱོན་སྨི་གྲུ་བཞི་15ལས་མེད་པ།

3.ཁྱིམ་ཚང་གི་ཡོང་འབབ་དང་རྒྱུ་ནོར་ལྷོ་ཁ་གྲོང་ཁྱེར་བོགས་གཏོང་གཞུང་ཁང་གི་ཞུགས་འཐུས་ཚད་གཞི་དང་མཐུན་པ།

4.འགན་སྲུང་གཡོ་ལེན་དང་སྒྲིག་འགལ་བོགས་གཏོང་།ཁང་ཁུངས་སྟོང་པར་བཞག་པ་སོགས་ཁ་དན་ཚིག་ལ་མི་གནས་པའི་སྒྲིག་འགལ་ཐོ་འགོད་མེད་པ།

(གསུམ)རེ་ཞུ་བྱེད་མི་ཐུབ་པའི་གནས་ཚུལ།

གཤམ་གསལ་གནས་ཚུལ་རིགས་ཡོད་ཚེ་བགོ་སྒྲིག་བོགས་གཏོང་རེ་ཞུ་བདག་སྤྲོད་བྱ་རྒྱུ་མིན།གཅིག་ནི་འགན་སྲུང་རང་བཞིན་གྱི་སྡོད་ཁང་ངམ་ཡང་ན་སྡོད་ཁང་བོགས་གཏོང་གི་ཁ་གསབ་སྲིད་ཇུས་གཞན་དག་ལོངས་སུ་སྤྱད་ཟིན་པ།གཉིས་ནི་རྐང་བཙུགས་ནས་དཔྱད་ཡིག་རྫུན་མ་མཁོ་འདོན་བྱེད་པ་དང་།ཁྱིམ་ཚང་གི་སྡོད་ཁང་དང་ཡོང་འབབ།རྒྱུ་ནོར་བཅས་ཀྱི་ཆ་འཕྲིན་སྦས་གསང་བྱས་པ།གསུམ་ནི་སྡོད་ཁང་འགན་སྲུང་གི་ཁ་དན་ཚིག་ལ་མ་གནས་པའི་མིང་ཐོ་ནག་པོའི་ནང་བཅུག་པ་མ་ཟད་ཆད་གཅོད་བསླབ་འདོམས་ཀྱི་དུས་བཅད་ནང་ཚུད་པ།བཞི་ནི་ལུགས་མཐུན་གྱི་རྒྱུ་མཚན་མེད་པར་རིམ་རྩིས་བྱས་ན་བོགས་གཏོང་གཞུང་ཁང་གི་བགོ་སྒྲིག་བོགས་གཏོང་ཐོབ་ཐང་ཐེངས་2ཡན་དོར་བ།

བཞི།རེ་ཞུའི་བརྒྱུད་རིམ།

(གཅིག)རེ་ཞུ་དང་བདག་སྤྲོད།

རེ་ཞུ་དེ་གཤམ་གྱི་བྱེད་ཐབས་ཁག་གཉིས་བརྒྱུད་ནས་འབུལ་ཆོག་སྟེ། (1)བོགས་གཏོང་གཞུང་ཁང་གི་APPབརྒྱུད་དྲ་ཐོག་ཏུ་སྙན་ཞུ་འབུལ་ཆོག (2)དྲ་མིན་ཏུ་འབྲེལ་ཡོད་ལག་ཁྱེར་འཁྱེར་ནས་སྲིད་དོན་ཚོམས་ཆེན་གྱི་དཀར་ཁུང་B13 B14སྒྲུབ་གཉེར་བྱས་ཆོགཁེ་ལས་ཀྱིས་ལས་བཟོའི་དཔྱད་གཞི་གཅིག་གྱུར་ཕྱོགས་སྡེབས་བྱས་ནས་གཅིག་བསྡུས་རེ་ཞུ་བྱས་ཆོག

(གཉིས)ཞིབ་བཤེར་དང་བགོ་བཤའ་རྒྱག་པ།

རེ་ཞུ་ཕུལ་རྗེས་ལས་སྒྲུབ་ཉིན་1ནང་བདག་སྤྲོད་བྱས་ཟིན་པ་དང་།ལས་སྒྲུབ་ཉིན་2ནང་ཐོབ་ཐང་ཞིབ་བཤེར་བྱས་ཟིན་པ།དེ་རྗེས་ལས་སྒྲུབ་ཉིན་5ཡོངས་བསྒྲགས་བྱ་རྒྱུ་དང་།ལས་སྒྲུབ་ཉིན་7ནང་ཆ་ཚང་སྒྲུབ་ཟིན་པ་བྱ་རྒྱུ།སྤྱི་བསྒྲགས་བྱས་པར་བསམ་འཆར་མི་འདྲ་བ་མེད་ན་གཏན་འབེབས་ལྟར་ཁང་པ་འདེམས་པ་དང་གན་རྒྱ་བཞག་ནས་བསྡད་ཆོག

ལྔ།བློ་འདྲི་དང་ལྟ་སྐུལ་བྱེད་སྟངས།

སྲིད་ཇུས་བློ་འདྲིའི་ཁ་པར།0893-7702101

ལྟ་སྐུལ་ཐེར་འདོན་ཁ་པར།0893-7823482

སྤྱི་བསྒྲགས་འདི་ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་དང་།ཆ་རྐྱེན་དང་མཐུན་པའི་མང་ཚོགས་ཀྱིས་རེ་ཞུ་ཧུར་ཐག་བྱ་རྒྱུར་དགའ་བསུ་ཞུ།

དེ་དོན་ཆེད་དུ་སྤྱི་བསྒྲགས་སྤེལ་རྒྱུ།

ལྷོ་ཁ་གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུད།   

                                                                                                                                                                                                                                               2026ལོའི་ཟླ་8ཚེས་17ཉིན།   


扫一扫在手机打开当前页面